
མ་བུ་བར་ལ་ནད་བཀག་ནས། རེ་བའི་ས་བོན་འདི་ནས་འདེབས
母婴阻断 播种希望
བདེ་ཐང་ནི་མི་ཚང་མས་ཆེས་ཐོབ་འདོད་ཆེ་བའི་རྒྱུ་ནོར་ཞིག་ཡིན། བདེ་ཐང་བརྩོན་ལེན་བྱེད་པའི་ལམ་བུ་ཁྲོད་དུ་འདམ་རྫབ་དང་གཉེན་ཉེའི་བརྩེ་དུང་ཡོད་པ་རེད། ཨེ་ཙི་ནད་དང་སྦྱར་དུག མཆིན་ཚད་ཁ་པའི་ནད་བཅས་ནི་སྲིབ་སྨུག་ལྟར་དུ་ང་ཚོའི་འཚོ་བ་ལ་བར་རྐྱེན་བཟོས། ཨེ་ཙི་ནད་དང་སྦྱར་དུག མཆིན་ཚད་ཁ་པ་ནད་བཅས་འགོས་པའི་སྦྲུམ་མར་མཚོན་ནས་བཤད་ན། ལུས་ཁམས་བདེ་ཐང་གི་ཕྲུ་གུ་ཞིག་བཙའ་རྒྱུ་ནི་དཀོན་མཆོག་གིས་སྦྱིན་པའི་དངོས་གྲུབ་ལ་བརྩི་བཞིན་ཡོད།
健康是每个人梦寐以求的财富,在不懈追求健康的路途中,总有泥泞和亲情。艾滋病、梅毒、乙型肝炎如同阴霾困扰着我们,对感染了艾滋病、梅毒和乙肝孕妇来说,孕育一个健康宝宝无疑是上天的恩赐。
展开剩余82%ལོ་ན་རན་པའི་ཕོ་མོ་གཉེན་སྒྲིག་མ་བྱས་སྔོན་དུ། རིན་མི་དགོས་པའི་ཨེ་ཙི་ནད་དང་སྦྱར་དུག མཆིན་ཚད་ཁ་པ་ནད་ལ་ཞིབ་དཔྱད་ཚད་ལེན་དང་བློ་འདྲི་ཐེངས་གཅིག་ལོངས་སུ་སྤྱད་ཆོག་པ་དང་། སྦྲུམ་མས་མངལ་མ་སྐྱེས་སྔོན་གྱི་བརྟག་དཔྱད་ཐེངས་དང་པོ་བྱེད་སྐབས་འབྲེལ་ཡོད་སྨན་བཅོས་བདེ་སྲུང་ལས་ཁུངས་སུ་རིན་མེད་ཀྱིས་ཨེ་ཙི་ནད་དང་སྦྱར་དུག མཆིན་ཚད་ཁ་པའི་ནད་ཞིབ་དཔྱད་ཚད་ལེན་དང་བློ་འདྲི་དང་ལེན་བྱས་ཆོག ཆེས་བཟང་བའི་དུས་ནི་མངའ་ཆགས་མ་ཐག་ཏུ་མ་བུ་གཉིས་ཀར་ནད་འགོས་ཀྱི་སྔོན་འགོག་བྱ་རྒྱུ་གལ་ཆེ། གལ་ཏེ་རྒྱུན་ལྡན་མིན་ན། མངལ་སྦྲུམ་པའི་ཨ་མ་དང་བྱིས་པ་ལ་རིན་མི་དགོས་པར་ཐེ་གཏོགས་ཀྱི་གཅེས་སྐྱོང་དང་ཞབས་ཞུ་དང་ལེན་བྱས་ཏེ། བྱིས་པར་ནད་འགོས་པ་དང་མ་བུའི་བར་དུ་འགོ་བའི་ནད་རིགས་མི་འབྱུང་བ་བྱེད་དགོས།
适龄男女在婚前时可享受一次免费艾滋病、梅毒和乙肝检测与咨询,孕妈妈在第一次产前检查时可免费接受艾滋病、梅毒和乙肝检测与咨询。最好在孕早期检测,以早期预防母婴传播,如有异常,每一位孕妈妈和宝宝还可以接受免费干预和关爱服务,避免宝宝感染、母婴传播性疾病。
ཨེ་ཙི་འགོས་ནད་དང་སྦྱར་དུག མཆིན་ཚད་ཁ་པའི་ནད་མ་བུའི་བར་དུ་འགོས་ཁྱབ་བྱུང་བ་ཞེས་པ་ནི་ཨེ་ཙི་འགོས་ནད་ཀྱི་ནད་དུག་དང་སྦྱར་དུག་དུང་འཁྱིལ་གཟུགས། མཆིན་ཚད་ཁ་པའི་ནད་དུག་བཅས་འགོས་པའི་བུད་མེད་ལ་མངལ་ཆགས་པ་དང་། ཕྲུ་གུ་སྐྱེ་བ། ནུ་མ་སྣུན་པ་སོགས་ཀྱི་གོ་རིམ་བརྒྱུད་དེ་ཨེ་ཙི་ནད་ཀྱི་ནད་དུག་དང་སྦྱར་དུག་དུང་འཁྱིལ་གཟུགས། མཆིན་ཚད་ཁ་པའི་ནད་དུག་བཅས་བྱིས་པར་འགོ་བ་ལ་ཟེར།
艾滋病、梅毒、乙肝母婴传播是指感染了艾滋病病毒、梅毒螺旋体、乙型肝炎病毒的妇女通过怀孕、分娩、哺乳等环节将艾滋病病毒、梅毒螺旋体、乙型肝炎病毒传染给孩子的过程。
མ་བུའི་འགོས་ལམ་སྔོན་འགོག་བྱེད་པ་དེ། རྩ་བའི་མགོ་ཁུངས་ནས་འགོ་རྩོམ་དགོས།
预防母婴传播 应从源头开始
འཁྲིག་སྤྱོད་མང་བའི་གཏན་གྲོགས་དང་དེ་བཞིན་ཚོང་ལས་རང་བཞིན་གྱི་འཁྲིག་སྤྱོད་མི་བྱ་བ། དུག་སེལ་ནན་པོ་བྱས་མེད་པའི་སྨན་ཁབ་དང་། ཁབ་མགོ ཁབ་བཙའ། སོ་འབལ་ཡོ་བྱད། མངོན་མེད་རྨ་གྲམ་སོགས་སྨན་བཅོས་ཡོ་བྱད་སྤྱོད་མི་རུང་།
避免多性伴侣以及商业性行为,避免使用未严格消毒的注射器、针头、针灸针、拔牙工具、暗疮阵等医疗器械。
ཨེ་ཙི་ནད་དུག་འགོས་པའི་སྦྲུམ་མ་མངལ་ཆགས་དུས་ནས་བཟུང་སྟེ་བུ་བཙས་གཞུག་བར་དུས་ཐོག་ཏུ་ཚད་ལྡན་གྱི་སྒོ་ནས་ནད་དུག་འགོག་པའི་སྨན་འཐུང་དགོས་ཏེ། བུ་བཙའ་སྐབས་བདེ་འཇགས་ངང་ཕྲུ་གུ་སྐྱེ་རུ་འཇུག་དགོས། ཕྲུ་གུ་བཙས་རྗེས་ཆུ་དྲོན་མོས་དུས་ལྟར་བཀྲུ་ནས། མྱུར་དུ་ནད་དུག་འགོག་པའི་སྨན་འཐུང་སྟེ་ནད་དུག་སྔོན་འགོག་བྱེད་དགོས་པ་མ་ཟད། མིས་གསོ་རྒྱུ་ཁྱབ་སྤེལ་གཏོང་དགོས། འདི་ལྟར་བྱས་ན་མ་བུའི་བར་དུ་ནད་འགོས་ཚད་བརྒྱ་ཆ་གཉིས་དང་དེའི་མན་དུ་ཆག་ཐུབ།
感染了艾滋病毒孕妈妈整个孕期直至产后需要在医生的指导下及时规范服用抗病毒药物,产时安全分娩,宝宝出生后流动温水及时冲浴,尽快预防性服用抗病毒药物,并且提倡人工喂养。母婴传播率可下降至2%以下。
གལ་ཏེ་སྦྱར་དུག་དུང་འཁྱིལ་གཟུགས་འགོས་ན་སྦྲུམ་མ་དང་ཕྲུ་གུ་གཉིས་ཀ་སྨན་པའི་མཛུབ་སྟོན་འོག་ནས་དུས་ཐོག་ཏུ་ཚད་ལྡན་རང་བཞིན་གྱི་སྔོན་འགོག་དང་གསོ་བཅོས་བྱེད་དགོས། འདི་ལྟར་བྱས་ན་བརྒྱ་ཆ་གོ་ལྔ་ཡན་གྱི་བདེ་ཐང་གི་ཕྲུ་གུ་འབྱུང་སྲིད།
如果感染了梅毒螺旋体,孕妈妈和宝宝在医生指导下及时进行规范性和预防性治疗,及随访检测,95%以上的可能性孕育健康的宝宝。
གལ་ཏེ་མཆིན་ཚད་ཁ་པའི་ནད་དུག་འགོས་ཡོད་ན། ཕྲུ་གུ་སྐྱེས་མ་ཐག་ཏུ་མཆིན་ཚད་ཁ་པའི་རིམས་ཐར་ཟླུམ་སྤྲིར་ཁབ་རྒྱག་དགོས་པ་མ་ཟད། མཆིན་ཚད་ཁ་པའི་འགོག་སྨན་གྱི་རིམས་ཐར་གོ་རིམ་ལྟར་མཆིན་ཚད་ཁ་པའི་འགོག་སྨན་བརྒྱབ་དགོས། འདི་ལྟར་སྔོན་འགོག་བྱས་ན་ལུས་ཁམས་བདེ་ཐང་གི་ཕྲུ་གུ་སྦྲུམ་པའི་གོ་སྐབས་ཧ་ཅང་ཆེན་པོ་ཡོད།
如果感染了乙型肝炎病毒,宝宝在出生后尽早注射乙肝免疫球蛋白,并按乙肝疫苗免疫程序,进行乙肝疫苗接种,有相当大的的机会孕育健康的宝宝。
相关问题可咨询
玉树市妇幼保健计划生育服务中心
咨询电话
0976--8810968
发布于:北京市盛达优配app提示:文章来自网络,不代表本站观点。